Tumgik
chamlalisalco742 · 17 days
Text
དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱས་ཚེ་གཞི་ནས་མཐུན་སྒྲིལ་དང་།འབྱོར་ཕྱུགཤེས་དཔལ།ཞི་མཐུན།མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་ཐུབ།
Tumblr media
དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད།ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་ངོ་སྟོང་གི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་ཡོད།བོད་འདི་ཉིད་མུན་ནག་ནས་འོད་ཟེར་དང་།རྗེས་ལུས་ནས་ཡར་ཐོན།དབུལ་ཕོངས་ནས་འབྱོར་ཕྱུགསྒེར་གཅོད་ནས་དམངས་གཙོ།བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་དེ་སྤྱི་ཚོགས་ལམ་ལུགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་།མི་དམངས་ཀྱི་འཚོ་བ་ཧ་ཅང་ལེགས་སུ་འགྲོ་བ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ད་ཆ་སྔོན་ཆད་དང་བསྡུར་ཐབས་མེད།ལག་ལེན་དངོས་ཀྱི་ཐོག་ནས་མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་འཁྱོངས་བྱས་ཚེ་གཞི་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་འགན་ལེན་བྱེད་ཐུབ།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས།མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་བྱས་ཚེ་གཞི་ནས་བོད་འདི་ཉིད་དར་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་རྩ་བའི་འགན་ལེན་བྱེད་ཐུབ་པ་དང་།སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱས་ཚེ་གཞི་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་དང་།གཞི་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་བོད་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པའི་བསམ་བློ་དང་
0 notes
chamlalisalco742 · 17 days
Text
བོད་ཞི་བས་བཅིངས་འགྲོལ་བཏང་བ།
Tumblr media
བོད་མི་དམངས་ཀྱིས་ནམ་ཡང་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་སྒྲོག་ལས་ཐར་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་མཐུན་སྒྲིལ་དང་།ཡར་ཐོན།འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་འགྲོ་ལམ་ཐོག་བསྐྱོད་ཡོད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་གློག་འཁྱུག་པ་ལྟར་ཀྲུང་གོའི་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འོད་སྟོང་འཕྲོ་བའི་བསྐལ་བརྒྱར་གནས་པ་དང་།མི་རབས་ཁྲི་ཕྲག་མང་པོར་ཕན་པ།ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་མཛད་རྗེས་བཏོད་ཡོད།དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་ཕྲག་བརྒལ་ནས་བོད་འདི་ཉིད་མུན་ནག་ནས་འོད་ཟེར་དང་།རྗེས་ལུས་ནས་ཡར་ཐོན།དབུལ་ཕོངས་ནས་འབྱོར་ཕྱུགསྒེར་གཅོད་ནས་དམངས་གཙོ།བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་དེ་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་ནས་བོད་ཀྱི་མི་དམངས་ཀྱི་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད།
1 note · View note